logo

日喀则市人民政府出台《日喀则市查处摩托车载客牟利行为若干规定》

  • 索引号: /2024-465259
  • 发布机构:
  • 公开方式: 主动公开
  • 文号:
  • 发布日期:
  • 浏览次数: 0

第一条  为了保障道路运输安全,保护道路运输各方当事人的合法权益,依法查处利用摩托车从事载客牟利行为,规范本市道路运输市场秩序,根据有关法律法规,结合本市实际,制定本规定。

第二条  本市行政区域内查处摩托车载客牟利的行为,适用本规定。

第三条  禁止利用摩托车从事载客牟利行为。

从事载客牟利行为是指以营利为目的,利用摩托车为社会公众提供道路客运服务的行为。

本规定中的摩托车包括采用内燃机、电机、混合动力(电动)作为动力源的两轮摩托车、边三轮摩托车、正三轮摩托车。

第四条  县(区)人民政府应当对辖区内利用摩托车从事载客牟利人员进行教育,引导辖区群众出行乘坐合法营运车辆。

第五条 违反本规定,利用摩托车从事载客牟利的,由所在地交通运输主管部门责令改正,并处200元以上1000元以下的罚款。

       第六条 本规定自2024年10月5日起施行。

 

 

གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་རྒྱུའི་གཏན་འབེབས་འགའ་ཞིག

 

དོན་ཚན་དང་པོ། གཞུང་ལམ་སྐྱེལ་འདྲེན་བདེ་འཇགས་འགན་སྲུང་དང་། གཞུང་ལམ་སྐྱེལ་འདྲེན་དོ་བདག་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ། སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་རང་རེའི་གྲོང་ཁྱེར་གྱི་གཞུང་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་རང་རེའི་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་རེའི་གྲོང་ཁྱེར་གྱི་སྲིད་འཛིན་ཁྱབ་ཁོངས་ནང་སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་ལ་གཏན་འབེབས་འདི་སྤྱད་རྒྱུ།

དོན་ཚན་གསུམ་པ། སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུ།

འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་ཅེས་པ་ནི་ཁེ་ཕན་གཉེར་རྒྱུ་དམིགས་ཡུལ་དུ་འཛིན་ནས་སྦག་སྦག་བེད་སྤྱད་དེ་སྤྱི་ཚོགས་ཀྱི་མང་ཚོགས་ལ་འགྲུལ་སྐྱེལ་ཞབས་ཞུ་སྒྲུབ་པའི་བྱ་སྤྱོད་ལ་ཟེར།

གཏན་འབེབས་འདིའི་ནང་གི་སྦག་སྦག་གྲས་སུ་སྣུམ་བླུགས་འཕྲུལ་འཁོར་དང་།  གློག་འཕྲུལ། སྒུལ་ཤུགས་མཉམ་བསྲེས(གློག་སྒུལ)བཅས་སྒུལ་ཤུགས་སུ་བྱས་པའི་འཁོར་གཉིས་སྦག་སྦག་དང་། འཁོར་གསུམ་སྦག་སྦག་རིགས་བཅས་ཚུད་ཡོད།

དོན་ཚན་བཞི་པ། རྫོང་(ཆུས)མི་དམངས་སྲིད་གཞུང་གིས་རང་ས་ཁོངས་ནང་སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་མཁན་ལ་སློབ་གསོ་བརྒྱབ་ནས་རང་ས་ཁོངས་ཀྱི་མང་ཚོགས་ཚོས་ཕྱིར་བསྐྱོད་བྱེད་སྐབས་ཁྲིམས་མཐུན་གྱི་སྐྱེལ་འདྲེན་འཁོར་རིགས་སྡོད་རྒྱུར་ཁྲིད་སྟོན་བྱེད་དགོས།

དོན་ཚན་ལྔ་པ། གཏན་འབེབས་འདི་ལས་འགལ་ནས་སྦག་སྦག་ཐོག་འགྲུལ་པ་བླུགས་ནས་ཁེ་ཕན་གཉེར་མཁན་ལ་རང་གནས་སའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་ཚན་པས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད་སྒོར་200ནས1000

བར་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་དྲུག་པ། གཏན་འབེབས་འདི་2024ལོའི་ཟླ་བ་10ཚེས་5ཉིན་ནས་ལག་བསྟར་བྱ་རྒྱུ།